March 23, 2026
ནང་པའི་ཆོས་ཀྱི་གཞི་རྩའི་གནད་དོན་ཁག་ངོ་སྤྲོད། Introduction to Buddhism: Exploring Essential Buddhist Topics
༄༅།། །གངས་ལྗོངས་ཆོས་ལྡན་གླིང་གཞོན་སྐྱེས་ནང་ཆོས་ངོ་སྤྲོད་འཛིན་གྲྭ། TCCC Youth and Young Adult Buddhist Studies Course Information Name of the Course:  ནང་པའི་ཆོས་ཀྱི་གཞི་རྩའི་གནད་དོན་ཁག་ངོ་སྤྲོད།  Introduction to Buddhism: Exploring Essential Buddhist Topics Age group: Youth (high school) & Young Adults Day & Date: Every
March 23, 2026
ཆོས་བརྡ་གསལ་བསྒྲགས། BUDDHIST TEACHING & INITIATION ANNOUNCEMENT
ཆོས་བརྡ་གསལ་བསྒྲགས། BUDDHIST TEACHING & INITIATION ANNOUNCEMENT ༄༅། །ཚང་མའི་དགོངས་པར་མངའ་གསལ་བཞིན་འདི་ལོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་་ལོ་ཧྲིལ་པོར་བྱམས་རྩེའི་ལོར་སྲུང་བརྩི་ཞུ་བཞིན་པ་ལྟར།མགོན་པོ་གང་ཉིད་ཀྱི་དུས་རྟགས་ཏུ་ནང་ཆོས་སློབ་སྦྱོང་ལ་འབད་དགོས་པའི་བཀའ་སློབ་བདུད་རྩི་ཕེབས་པ་བཞིན། འདི་ག་གངས་ལྗོངས་ཆོས་ལྡན་གླིང་ནས་ས་གནས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་སེར་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་གནས་བརྟན་སྤྲུལ་སྐུ་མཆོག་ལ་དད་ལྡན་མི་མང་ལ་ཆོས་འབྲེལ་ཞིག་ཡོང་བའི་གསོལ་བ་བཏབ་པ་བཞིན་རིན་པོ་ཆེ་མཆོག་ནས་རྗེ་བཙུན་སྒྲོལ་ལྗང་གི་རྗེས་གནང་དང་ལམ་གཙོ་རྣམ་གསུམ་གྱི་འཁྲིད་ལུང་གནང་རྒྱུའི་ཞལ་ཞེས་བཟང་པོ་ཐོབ་པས་ ༢༠༢༦ སྤྱི་ཟླ་༣ ཚེས་ ༢༨ རེས་གཟའ་སྤེན་པ་ སྔ་དྲོ་ཚོུད་༡༠ ནས་ ཕྱི་དྲོ་ཚོུད་༤ བར་གངས་ལྗོངས་ཆོས་ལྡན་གླིང་ཚོགས་ཁང་དུ་ཚོགས་གཏན་འཁེལ་ཞིང་ཉིན་གུང་ཞལ་ལག་གོ་སྒྲིག་ཡོད་པ་བཅས་ལགས་ན་ས་གནས་མི་མང་གང་མང་མཉམ་བཞུགས་ཡོང་བའི་ཆོས་བརྡ་གསལ་བསྒྲགས་སུ།   གངས་ལྗོངས་ཆོས་ལྡན་གླིང་རྒྱུན་ལས་ཐུན་མོང་ནས། Commemorating the 90th Birth Anniversary of the 14th Dalai Lama In
February 12, 2026
འཚོ་ཐབས་སམ་མདུན་ལམ་དང་འབྲེལ་བའི་གནས་ཚུལ་གོ་རྟོགས་སྤེལ་ཆེད་ཀྱི་ལྷན་ཚོགས།
འཚོ་ཐབས་སམ་མདུན་ལམ་དང་འབྲེལ་བའི་གནས་ཚུལ་གོ་རྟོགས་སྤེལ་ཆེད་ཀྱི་ལྷན་ཚོགས། Join us for the Career Panel 2026 – an engaging discussion designed to bridge education and employment. Connect with industry professionals, explore diverse career pathways, and gain practical insights
February 10, 2026
ཕྱི་ལོ་ ༢༠༢༦ ལོའི་སིའི་ཤེས་ཡོན་སློབ་གསོའི་འཛིན་གྲར་དེབ་བསྐྱེལ་གསལ་བསྒྲགས། 2026 SEE Learning Toronto Program Registration Announcement
ཕྱི་ལོ་ ༢༠༢༦ ལོའི་སིའི་ཤེས་ཡོན་སློབ་གསོའི་འཛིན་གྲར་དེབ་བསྐྱེལ་གསལ་བསྒྲགས། ཕྱི་ལོ་་ ༢༠༢༦ ལོའི་སིའི་ཤེས་ཡོན་སློབ་གསོའི་འཛིན་གྲ་ ༢༠༢༦ ཟླ་ ༣ ཚེས་ ༧ ནས་འགོ་འཛུག་གྱིས་ཕྱི་ཟླ་ ༧ ཟླ་མཇུག་བར་ཟླ་བ་ལྔའི་རིང་འཚོག་རྒྱུ་དང་། འཆར་ཅན་རེས་གཟའ་སྤེན་པའི་འཛིན་གྲ་སྔ་དྲོ་་ཚོུད་ ༡༠།༠༠ ནས་ཉིན་གུང་ཚོུད་་ ༡༢ བར་འཚོག་རྒྱུ་ཡིན། སིའི་ཤེས་ཡོན་སློབ་གསོ་ནི་ཨ་རིའི་ཨེ་མུ་རི་གཙུག་ལག་སློབ་གྲ་ཆེན་མོ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་ཤེས་ཡོན་སློབ་གསོའི་ལས་རིམ་ཞིག་ཡིན་ཅིང་། འཛམ་གླིང་ཕྱོགས་མང་པོར་ལག་བལྟར་བྱེད་བཞིན་པའི་སིའི་ཤེས་ཡོན་སློབ་གསོའི་ལས་རིམ་འདིའི་ནང་ཕྲུ་གུའི་འཚར་འཕེལ་གྱི་དུས་ཡུན་འགངས་ཆེ་བའི་སྐབས་སུ་སོར་ཆུད་ཀྱི་ནུས་རྩལ་གོང་འཕེལ་གཏོང་སྟངས་དང་། ཡིད་བྱེད་སྦྱོང་བདར་། སེམས་མྱོང་སྟངས་འཛིན། ཕན་ཚུན་དབར་འབྲེལ་འདྲིས་བྱེད་སྟངས་། རང་གཞན་གཉིས་ལ་དམིགས་པའི་སྙིང་རྗེ་བཅས་སྐོར་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་འཇུག་ཕྲུག་གུའི་ལོ་ཚད་ལོ་ ༡༠ ནས་ ༡༤ བར་གཏན་འབེབས་དང་། སིའི་ཤེས་ཡོན་སློབ་ཁྲིད་སིའི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་བསྟན་བརྩོན་གྲུས་ལགས་དང་། བསྟན་འཛིན་ཆོས་བཟང་ལགས།