March 23, 2026
ནང་ཆོས་ཕྱག་དཔེ་སློབ་འཁྲིད་གསལ་བསྒྲགས། BUDDHIST TEXTUAL STUDIES ANNOUNCEMENT
ནང་ཆོས་ཕྱག་དཔེ་སློབ་འཁྲིད་གསལ་བསྒྲགས། ༄༅། །ཚང་མའི་དགོངས་པར་མངའ་གསལ་བཞིན་འདི་ལོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་ལོ་ཧྲིལ་པོར་བྱམས་རྩེའི་ལོར་སྲུང་བརྩི་ཞུ་བཞིན་པ་དང་བསྟུན།   འདི་ག་གངས་ལྗོངས་ཆོས་ལྡན་གླིང་ནས་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞབས་བརྟན་གསོལ་འདེབས་ ༼རབ་འབྱམས་རྒྱལ་བ་མ། ༽ དང་།  མགོན་པོ་གང་ཉིད་ཀྱི་ལྗགས་རྩོམ་གནང་བའི་༼བདེན་ཚིག་སྨོན་ལམ།༽ཕྱག་དཔེ་ཁག་ལ་སློབ་གཉེར་གནང་རྒྱུའི་ནང་ཆོས་འཛིན་གྲྭ་གོ་སྒྲིག་ཞུ་ཡོད་ལགས་ན་ས་གནས་མི་མང་གང་མང་མཉམ་བཞུགས་ཡོང་བའི་ཆོས་བརྡ་གསལ་བསྒྲགས་སུ།   གངས་ལྗོངས་ཆོས་ལྡན་གླིང་རྒྱུན་ལས་ཐུན་མོང་ནས། དུས་ཡུན།  ༢༠༢༦ ཟླ་ ༤ ཚེས་ ༡༩  རེ་གཟའ་ཉི་མ་ནམ་ཡིན། དུས་ཚོད།  སྔ་དྲོ་ཆུ་ཚོད་ ༡༡:༠༠ ནས་ཉིན་རྒྱབ་ཆུ་ཚོད་ ༡:༠༠ བར། སློབ་དཔོན། དགེ་བཤེས་དགེ་འདུན་དོན་གྲུབ། མཚམས་སྦྱོར་བ། ཚེ་རིང་རྡོ་རྗེ། ས་གནས། གངས་ལྗོངས་ཆོས་ལྡན་གླིང། TCCC BUDDHIST TEXTUAL STUDIES ANNOUNCEMENT
March 23, 2026
ཆོས་བརྡ་གསལ་བསྒྲགས། BUDDHIST TEACHING & INITIATION ANNOUNCEMENT
ཆོས་བརྡ་གསལ་བསྒྲགས། BUDDHIST TEACHING & INITIATION ANNOUNCEMENT ༄༅། །ཚང་མའི་དགོངས་པར་མངའ་གསལ་བཞིན་འདི་ལོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་་ལོ་ཧྲིལ་པོར་བྱམས་རྩེའི་ལོར་སྲུང་བརྩི་ཞུ་བཞིན་པ་ལྟར།མགོན་པོ་གང་ཉིད་ཀྱི་དུས་རྟགས་ཏུ་ནང་ཆོས་སློབ་སྦྱོང་ལ་འབད་དགོས་པའི་བཀའ་སློབ་བདུད་རྩི་ཕེབས་པ་བཞིན། འདི་ག་གངས་ལྗོངས་ཆོས་ལྡན་གླིང་ནས་ས་གནས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་སེར་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་གནས་བརྟན་སྤྲུལ་སྐུ་མཆོག་ལ་དད་ལྡན་མི་མང་ལ་ཆོས་འབྲེལ་ཞིག་ཡོང་བའི་གསོལ་བ་བཏབ་པ་བཞིན་རིན་པོ་ཆེ་མཆོག་ནས་རྗེ་བཙུན་སྒྲོལ་ལྗང་གི་རྗེས་གནང་དང་ལམ་གཙོ་རྣམ་གསུམ་གྱི་འཁྲིད་ལུང་གནང་རྒྱུའི་ཞལ་ཞེས་བཟང་པོ་ཐོབ་པས་ ༢༠༢༦ སྤྱི་ཟླ་༣ ཚེས་ ༢༨ རེས་གཟའ་སྤེན་པ་ སྔ་དྲོ་ཚོུད་༡༠ ནས་ ཕྱི་དྲོ་ཚོུད་༤ བར་གངས་ལྗོངས་ཆོས་ལྡན་གླིང་ཚོགས་ཁང་དུ་ཚོགས་གཏན་འཁེལ་ཞིང་ཉིན་གུང་ཞལ་ལག་གོ་སྒྲིག་ཡོད་པ་བཅས་ལགས་ན་ས་གནས་མི་མང་གང་མང་མཉམ་བཞུགས་ཡོང་བའི་ཆོས་བརྡ་གསལ་བསྒྲགས་སུ།   གངས་ལྗོངས་ཆོས་ལྡན་གླིང་རྒྱུན་ལས་ཐུན་མོང་ནས། Commemorating the 90th Birth Anniversary of the 14th Dalai Lama In
February 10, 2026
༢༠༢༦ ལོའི་ཀྲོ་རོན་ཀྲོ་སིའི་ཤེས་ཡོན་སློབ་གསོའི་ལས་རིམ་སྐོར་བཞུགས་མོལ་ཚོགས་འདུའི་གསལ་བསྒྲགས། 2026 SEE Learning Toronto program Parents Information Session
ཕྲུག་གུ་ཕ་མ་ཚོ་དང་མཉམ་དུ་ཀྲོ་རོན་ཀྲོ་སིའི་ཤེས་ཡོན་སློབ་གསོའི་ལས་རིམ་སྐོར་བཞུགས་མོལ་ཚོགས་འདུའི་གསལ་བསྒྲགས། ཕྱི་ཟླ་ ༢ ཚེས་ ༡༥ རེས་གཟའ་ཉི་མའི་སྔ་དྲོའི་ཚོུད་ ༡༠།༣༠ ནས་ ༡༢།༣༠ དབར་ཕྱག་ཚོད་གཉིས་ཀྱི་རིང་ཕྲུག་གུ་ཕ་མ་ཚོ་དང་མཉམ་དུ་་ཀྲོ་རོན་་ཀྲོ་སིའི་ཤེས་ཡོན་སློབ་གསོའི་ལས་རིམ་་སྐོར་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་ཞུ་རྒྱུ་ཡིན་ཅིང་། ཚོགས་འདུའི་ཐོག་སིའི་ཤེས་ཡོན་སློབ་གསོའི་ངོ་སྤྲོད་དང་། ཕྲུག་གུའི་སེམས་ཁམས་གནས་སྟངས་དང་སིའི་ཤེས་ཡོན་སློབ་གསོའི་འབྲེལ་བ། ད་བར་ལོ་ངོ་གསུམ་རིང་ང་ཚོས་སིའི་ཤེས་སློབ་གསོའི་ལས་འཆར་སྤེལ་བའི་མྱོང་ཚོར། ཕྱི་ལོ་ ༢༠༢༦ ལོའི་སིའི་ཤེས་ཡོན་སློབ་གསོའི་སློབ་ཚན་གྱི་ནང་དོན། ཕ་མ་ཚོ་དང་འདྲི་བ་འདྲི་ལན་བཅས་གོ་སྒྲིག་ཞུ་གི་ཡོད། སིའི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་བཞི་དང་འབྲེལ་འཐུད་པ་བཅས་ཚོགས་འདུའི་ཚོགས་ཞུགས་ཞུ་འཆར་ཡོད་པས། ཕྲུག་གུས་ཕ་མ་གང་མང་ཚོགས་འདུར་མཉམ་བཞུགས་གནང་བའི་རེ་བ་ཞུ་གི་ཡོད། ཀྲོ་རོན་ཀྲོ་སིའི་ཤེས་ཡོན་སློབ་གསོའི་ལས་འཆར་འདི་གངས་ལྗོངས་ཆོས་ལྡན་གླིང་དང་ཁེ་ན་ཌ་འབྲས་སྤུང་བློ་གསལ་གླིང་མཉམ་རུབ་གོ་སྒྲིག་ཞུས་པ་ཞིག་ཡིན།་ Toronto SEE Learning program Parents Information Session We are organizing an interactive session with parents on the Toronto SEE Learning program on February 15, 2026 (Sunday)
January 19, 2026
གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་ ༢༠༢༥-༢༦ ལོའི་སློབ་དུས་གཉིས་པའི་སློབ་འཇུག་བརྡ་ཐོ། 2025-26 TCCC Language and Culture School Semester 2 Student Registration Notice