• Tibetan Canadian Cultural Centre
  • 416-410-5606
  • [email protected]
logo2logo2logo1logo1
  • Home
  • About Us
    • Introduction
    • Vision & Mission
    • Committees
      • Events Committee
      • Programs Committee
      • Community Committee
      • Finance Committee
    • Board Members
      • Current Board Members (2025 – 2027)
      • Past Board Members
  • Facility Rentals
    • Facility Rentals
    • Facility Booking
  • Project
    • Get Involved
    • Defining the vision
    • Building our future
  • School
  • Contact us
    • Contact
    • Membership
  • Become a Member!
Donate
✕

ཕྱི་ལོ་༢༠༡༤ ཕྱི་ཟླ་༥ ཚེས་༡༦ རེས་གཟའ་པ་སངས་ཕྱི་དྲོའི་ཕྱག་ཚོད་༥ ཐོག་ཁོན་རིགས་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་སྐུ་འཁོར་ལྷན་རྒྱས་ཁེ་ཎ་ཌའི་གྲོང་ཁྱེར་ཁྲོ་རོན་ཁྲོར་ཆིབས་བསྒྱུར་གནང་སྐབས་འདི་ག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་རྣམ་པ་དང་། དགོན་སྡེ་ཁག་གི་དབུ་ལས་རྣམ་པ། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ། ས་གནས་ཚོགས་པ་དང་སྐྱིད་སྡུག་ཁག་གི་འགན་འཛིན་རྣམ་པ་བཅས་ནས་འཚམས་ཞུའི་མཇལ་དར་འབུལ་རྒྱུ་དང་། བཀྲིས་ཞོལ་པ་བ་ཚོས་རྔུན་བསུས་ཏེ་ས་གནས་དགེ་འདུན་པ་རྣམས་དང་མི་མང་ཡོངས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་ལམ་གཡས་གཡོན་དུ་རུ་བསྒྲིགས་གུས་འདུད་ཀྱིས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་དང་བཅས་གངས་ལྗོངས་ཆོས་ལྡན་གླིང་དུ་ཞབས་སོར་འཁོད་འཕྲལ་ས་གནས་དགེ་འདུན་པ་རྣམས་ནས་ཞལ་འདོན་དབུ་འཛུགས་དང་འབྲེལ་འདིར་ཡོད་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་སྐྱ་ཆོས་འཁོར་གླིང་ཐུན་མོང་ནས་༧སྐྱབས་རྗེ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ཁྲོ་རོན་ཁྲོ་ས་གནས་སུ་ཆིབས་བསྒྱུར་བསྐྱངས་པའི་བཀྲིས་པའི་དགའ་སྟོན་གྱི་རྟེན་འབྲེལ་མཚོན་ཕྱིར་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུ་རྒྱུ་དང་། དེའི་དགོང་དྲོ་སྐུ་འཁོར་ལྷན་རྒྱས་རི་བོ་ཆེའི་དགོན་པར་ཆིབས་ཞལ་བསྒྱུར་རྒྱུ།

སྔ་དྲོའི་ཕྱག་ཚོད་བཅུ་པ་ནས་བཅུ་གཉིས་བར་རི་བོ་ཆེའི་དགོན་པར་༧སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་མཇལ་ག་བསྩལ་རྒྱུ།

ཕྱི་དྲོའི་ཕྱག་ཚོད་གཅིག་དང་ཕྱེད་ཐོག་གངས་ལྗོངས་ཆོས་ལྡན་གླིང་དུ་སྒྲོལ་ལྗང་གི་བཀའ་དབང་གནང་རྒྱུ།

ཕྱི་དྲོའི་ཕྱག་ཚོད་གཅིག་དང་ཕྱེད་ཐོག་གངས་ལྗོངས་ཆོས་ལྡན་གླིང་དུ་གུ་རུའི་བཀའ་དབང་གནང་རྒྱུ།

སྔ་དྲོའི་ཕྱག་ཚོད་བཅུ་ནས་བཅུ་གཉིས་བར་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ནང་པའི་ཆོས་ཚོགས་ཁག། ཚོགས་པ་དང་སྐྱིད་སྡུག་ཁག་བཅས་ཐུན་མོང་ནས་༧སྐྱབས་རྗེ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་ཡིན་ན། དད་ལྡན་ཚོས་བརྟན་བཞུགས་སྐབས་རང་ཉིད་སྒེར་གྱི་ངོས་ནས་འབུལ་ཚན་འབུལ་འདོད་ཡོད་ན་གངས་ལྗོངས་ཆོས་ལྡན་གླིང་དུ་སྔོན་ཚུད་ནས་ཐོ་འགོད་ངེས་པར་གནང་དགོས།

དེ་རྗེས་སུ་ ༧སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་ཞེན་པ་བཞི་བྲལ་གྱི་གསུང་ཆོས་བསྩལ་རྒྱུ།

དེ་ཉིན་ཕྱག་ཚོད་བཅུ་གཉིས་ནས་དང་པོ་བར་ཉིན་དགུང་གསོལ་ཚིགས་ཀྱི་བར་སེང་གནང་རྒྱུ།

ཕྱི་དྲོའི་ཕྱག་ཚོད་དང་པོ་ནས་དགོང་དྲོའི་ཕྱག་ཚོད་ལྔ་པ་བར། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་བཀའ་དབང་ལོ་བརྒྱ་མ། མང་ཚོགས་ལ་བཀའ་སློབ། མཇུག་ཏུ་ལྷ་མོའི་གཟིགས་འབུལ་སོགས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་བཅས་ཡིན་ན་ཚང་མས་ད་ལྟ་ནས་ཕྱག་ཁྱེར་གཟིགས་དགོས།

ཡང་སྦྱིན་བདག་གནང་འདོད་ཡོད་ན། གསོལ་ཇ་ཐེངས་གཅིག་ལ་སྒོར་༢༥༠དང་། འབྲས་བསིལ་ཐེངས་གཅིག་ལ་སྒོར་ ༣༠༠ གསོལ་ཇ་དང་འབྲས་བསིལ་ཐེངས་གཅིག་ལ་སྒོར་༥༠༠བཅས་ཡིན་པས་དེ་ལུགས་དགོངས་འཇགས་ཞུ།།

Share
98

Related posts

འཚོ་ཐབས་སམ་མདུན་ལམ་དང་འབྲེལ་བའི་གནས་ཚུལ་གོ་རྟོགས་སྤེལ་ཆེད་ཀྱི་ལྷན་ཚོགས།


Read more

ཕྱི་ལོ་ ༢༠༢༦ ལོའི་སིའི་ཤེས་ཡོན་སློབ་གསོའི་འཛིན་གྲར་དེབ་བསྐྱེལ་གསལ་བསྒྲགས། 2026 SEE Learning Toronto Program Registration Announcement


Read more

༢༠༢༦ ལོའི་ཀྲོ་རོན་ཀྲོ་སིའི་ཤེས་ཡོན་སློབ་གསོའི་ལས་རིམ་སྐོར་བཞུགས་མོལ་ཚོགས་འདུའི་གསལ་བསྒྲགས། 2026 SEE Learning Toronto program Parents Information Session


Read more

Events

    Tibetan Community Losar Celebration

    2026-02-21
    TCCC, 40 Titan Road, Etobicoke

    Tibetan Losar Day 1 Traditional Ceremony

    2026-02-18
    TCCC, 40 Titan Road, Etobicoke

    The Community Celebration of the 18th Anniversary of the Award of US Congressional Gold Medal to His Holiness the Dalai Lama & TCCC Founding Day

    2025-10-18
    40 Titan Road
Dodac tutaj

Useful links

  • Become a Member!
  • Programs and Services
  • Renovation Campaign
  • Youth Zone
  • Volunteer
If you are interested in Help , do not wait and ACT NOW!

Contact info

40 Titan Rd
Etobicoke
Canada
(416) 410-5606
[email protected]

Opening hours


Wednesday – Sunday: 1000 – 600
Monday & Tuesday – Closed

Useful Links

  • Become a Member!
  • Programs and Services
  • Renovation Campaign
  • Youth Zone
  • Volunteer
Tibetan Canadian Cultural Centre
Donate
  • Tibetan Canadian Cultural Centre
  • 416-410-5606
  • [email protected]