
His Holiness the 14th Dalai Lama’s 91st Birthday Celebration
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༡ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་མཛད་སྒོ་སྲུང་བརྩི།
༄༅། ས་གནས་དད་ལྡན་སེར་སྐྱ་མི་མང་ཡོངས་ལ་།
ཞུ་གསོལ། ཁེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུ་གོ་གཅིག་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་དང་༸རྒྱལ་བའི་གོ་སྟོན་མཇུག་སྒྲིལ་མཛད་སྒོ་དེ་བཞིན་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྲུང་བརྩི་གཟབ་རྒྱས་ངང་ཞུ་གཏན་འཁེལ་བ་ལགས་ན། དེ་ཉིན་འཁོན་རིགས་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། རིན་པོ་ཆེ་མཆོག་ནས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཞབས་སོར་བཀྲིན་བསྐྱང་རྒྱུའི་ཞལ་བཞེས་བཟང་མོ་ཐོབ་པར་སོང། འདི་གར་གནས་ཞུགས་སེར་སྐྱ་མི་མང་རྣམས་དུས་སྟོན་ཁྱད་པར་ཅན་གྱི་མཛད་སྒོའི་ཉིན་ངེས་ཕེབས་ཡོང་བའི་གསལ་བསྒྲགས་ཞུ་རྒྱུ་ཡིན།
མཛད་སྒོའི་དུས་ཚོད།
=================
རེས་གཟའ་ཟླ་བ། ༢༠༢༦ ཟླ་ ༧ ཚེས་ ༦
སྔ་དྲོ་ ༩།༣༠ བསང་གསོལ།
སྔ་དྲོ་ ༡༠།༣༠ དེ་ཉིན་མཛད་སྒོའི་ཐོག་མར་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ་དང་འབྲེལ་ཆོས་ཕྱོགས་མཛད་རིམ་དང་བཀའ་སློབ་གཞས་སྣ་ཁྲབ་སྟོན་སོགས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་དང་ཉིན་གུང་གསོལ་ཚིགས་ཁག་རིམ་པས་གོ་སྒྲིག་ཞུ་གཏན་འཁེལ་ཡོད།
ཁེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་རྒྱུན་ལས་ཐུན་མོང་ནས་ཕུལ།
Dear Community Members,
The Canadian Tibetan Association of Ontario (CTAO) and the Tibetan Canadian Cultural Centre (TCCC) are pleased to announce that we will be joyously celebrating the auspicious occasion of the 91st Birthday of His Holiness the 14th Dalai Lama along with the year-long Ghoton Celebration on Monday, July 6, 2026.
We are also delighted to share that, in response to our earnest request, His Holiness the Sakya Gongma Trichen Dorje Chang has graciously accepted our invitation to attend as the Chief Guest. We are deeply grateful for His Holiness’s kindness and compassion in bestowing this honor upon our community.
The CTAO and TCCC warmly invite all community members to join us for HH the Dalai Lama’s 91st Birthday celebration in a spirit of devotion, joy, and reverence.
Date: Monday, July 6, 2026
Program Schedule:
===============================
09:30 am – Sangsol
10:30 am - Reception and enthronement of the sacred portrait of His Holiness the Dalai Lama, followed by:
- Religious ceremonies and opening aspiration prayers
- Ceremonial offering of tea and sweet rice (Dresil)
- Addresses and teachings
- Cultural performances by the TCCC Language and Cultural School
- Lunch for all attendees
We look forward to celebrating this joyous and historic occasion together with our community.
Sincerely,
The President and Board Members
Canadian Tibetan Association of Ontario (CTAO)
Tibetan Canadian Cultural Centre (TCCC) See less

