སྔ་ལོ་༢༠༢༥ ལོར་མི་ནི་སོ་ཊར་ཚོགས་པའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐོག ཨ་རིའི་ཤར་ཕྱོགས་ཀྱི་ནིའུ་ཡོག་དང་། ནུབ་ཕྱོགས་ཀྱི་བྱང་ཀ་ལེ་ཕོ་ནི་ཡ། ཁེ་ན་ཊའི་ཀྲོ་རོན་ཊོ་བཅས་ས་ཁུལ་ཆེ་ཁག་གསུམ་ནང་<<དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་དང་། ཕ་མའི་འགན་ཁུར་བཞེས་སྟངས།>> ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་དགོས་པ་གྲོས་ཆོད་ཀྱི་ལམ་ནས་ཐག་གཅོད་བྱུང་བ་བཞིན། བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་གངས་ལྗོངས་ཆོས་ལྡན་གླིང་ནས་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པའི་ཐོག་ཨ་རི་བོད་ཀྱི་ཐེབས་རྩའི་མཐུན་འགྱུར་གནང་བར་ཞིག་ཡིན།




