ཕྱི་ལོ་ ༢༠༢༦ ལོའི་སིའི་ཤེས་ཡོན་སློབ་གསོའི་འཛིན་གྲར་དེབ་བསྐྱེལ་གསལ་བསྒྲགས།
ཕྱི་ལོ་་ ༢༠༢༦ ལོའི་སིའི་ཤེས་ཡོན་སློབ་གསོའི་འཛིན་གྲ་ ༢༠༢༦ ཟླ་ ༣ ཚེས་ ༧ ནས་འགོ་འཛུག་གྱིས་ཕྱི་ཟླ་ ༧ ཟླ་མཇུག་བར་ཟླ་བ་ལྔའི་རིང་འཚོག་རྒྱུ་དང་། འཆར་ཅན་རེས་གཟའ་སྤེན་པའི་འཛིན་གྲ་སྔ་དྲོ་་ཚོུད་ ༡༠།༠༠ ནས་ཉིན་གུང་ཚོུད་་ ༡༢ བར་འཚོག་རྒྱུ་ཡིན།
སིའི་ཤེས་ཡོན་སློབ་གསོ་ནི་ཨ་རིའི་ཨེ་མུ་རི་གཙུག་ལག་སློབ་གྲ་ཆེན་མོ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་ཤེས་ཡོན་སློབ་གསོའི་ལས་རིམ་ཞིག་ཡིན་ཅིང་། འཛམ་གླིང་ཕྱོགས་མང་པོར་ལག་བལྟར་བྱེད་བཞིན་པའི་སིའི་ཤེས་ཡོན་སློབ་གསོའི་ལས་རིམ་འདིའི་ནང་ཕྲུ་གུའི་འཚར་འཕེལ་གྱི་དུས་ཡུན་འགངས་ཆེ་བའི་སྐབས་སུ་སོར་ཆུད་ཀྱི་ནུས་རྩལ་གོང་འཕེལ་གཏོང་སྟངས་དང་། ཡིད་བྱེད་སྦྱོང་བདར་། སེམས་མྱོང་སྟངས་འཛིན། ཕན་ཚུན་དབར་འབྲེལ་འདྲིས་བྱེད་སྟངས་། རང་གཞན་གཉིས་ལ་དམིགས་པའི་སྙིང་རྗེ་བཅས་སྐོར་སློབ་ཁྲིད་བྱེད་ཀྱི་ཡོད།
སློབ་འཇུག་ཕྲུག་གུའི་ལོ་ཚད་ལོ་ ༡༠ ནས་ ༡༤ བར་གཏན་འབེབས་དང་། སིའི་ཤེས་ཡོན་སློབ་ཁྲིད་སིའི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་བསྟན་བརྩོན་གྲུས་ལགས་དང་། བསྟན་འཛིན་ཆོས་བཟང་ལགས། ་བཀྲིས་ཀུ་ཡེ་ལགས། བསྟན་འཛིན་གཡུ་སྒྲོན་ལགས་བཅས་བཞི་ནས་གནང་རྒྱུ།
སློབ་འཇུག་གནང་འདོད་ཅན་གྱི་ཕ་མ་ཚོས་་སིའི་ཤེས་ཡོན་སློབ་གསོའི་འཛིན་གྲར་དེབ་བསྐྱེལ་ ༢༠༢༦ ཟླ་ ༣ ཚེས་ ༡ ནང་ཚུད་གནང་དགོས་པ་དང་། སློབ་ཕྲུག་རེ་ནས་དེབ་བསྐྱོད་དོད་ཟླ་རེར་སྒོར་ ༢༠ (ཡང་ན་སློབ་ཁྲིད་དུས་ཡུན་ཆ་ཚང་ལ་སྒོར་ ༡༠༠) ཡིན། སིའི་ཤེས་ཡོན་སློབ་གསོའི་འཛིན་གྲའི་་སློབ་ཕྲུག་གི་གྲངས་ཚད་ ༢༥ ནས་་ ༣༠ ལ་གཏན་འབེབས་ཟིན་པ་ཡིན། དེབ་བསྐྱེལ་གནང་འདོད་ཡོད་རིགས་ནས་གསལ་བསྒྲགས་སྦྱར་ཡིག་ཐོག་གསལ་བའི་ QR Code བརྒྱུད་་དེབ་བསྐྱེལ་གནང་རོགས། དེ་མིན་བསྟན་འཛིན་བརྩོན་གྲུས་ལགས་སུ་ཁ་དཔར་ཨང་ (416) 830 1671 འདིའི་བརྒྱུད་་གནང་རོགས།
2026 SEE Learning Program Registration Announcement
The 2026 SEE Learning classes will start on Saturday, March 7, 2026, for five months until the end of July at TCCC. Regular Saturday classes will be held from 10:00 a.m. to 12:00 noon.
The program is jointly organized by the Tibetan Canadian Cultural Centre and Drepung Loseling Canada.
The SEE Learning program is an internationally practiced educational program spearheaded by Atlanta-based Emory University in collaboration with His Holiness the Dalai Lama. The SEE Learning focuses on imparting skills for building resilience, attention training, navigating emotions, developing interpersonal relations, compassion for self and others, and systems thinking to young children.
The classes are targeted to students who are in the age group of 10 to 14 years old and will be conducted by trained SEE Learning facilitators —Tenzin Tsundue, Tenzing Choesang, Tashi Kuyee, and Tenzing Youdon.
The registration for the classes will open until Sunday, March 1, 2026. A monthly registration fee of $20 (or $100 for the full five-month course) will be charged for each participating student at the beginning of the class. The class will be limited to 25 to 30 students selected on the first come first serve basis through registration. Interested parents can register their child(ren) by scanning the QR Code or by contacting Tenzin Tsundue at Tel: (416) 830 1671.
2026 SEE Learning Toronto Program Registration
🗓 Deadline: Sunday, March 1, 2026
⏰ 25- 30 seats; First Come First Serve
📲 Scan the QR Code for Registration
*********************************
2026 SEE Learning Toronto Program
🗓 Every Saturday from March 7 – July 25, 2026
⏰ 10:00 am – 12:00 noon
📍 TCCC, 40 Titan Road, Etobicoke
Program Coordinator: Kungo Tsewang Phuntso
Teaching Facilitators: Tashi Kuyee, Tenzing Choesang, Tenzin Tsundue, and Tenzing Youdon





