སློབ་མའི་གསར་གཏོད་རང་བཞིན་གྱི་ལས་གཞི།

༢༠༢༠ ལོའི་གངས་ལྗོངས་ཆོས་ལྡན་གླིང་གི་གཟའ་འཇུག་སློབ་གྲྭའི་དབྱར་གསེང་ལས་དོན་རྣམ་གྲངས་ལ་ལེགས་སྐྱེས་འབུལ་མཁན་སློབ་མའི་མིང་ཐོ་གསལ་བསྒྲགས་ཞུ་ཡག་ལ་ང་ཚོ་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང།

རྣམ་གྲངས་དེ་ནི་༧གོང་ས་མཆོག་ལ་རྗེས་དྲན་ཟབ་མོ་ཞུ་བའི་ཆེད་དུ་སྤེལ་བ་ཞིག་རེད། སློབ་གྲོགས་ཚོས་ཧུར་བརྩོན་གྱིས་ཕུལ་བྱུང་གི་བརྩམས་ཆོས་དེ་དག་གསར་རྩོམ་བྱས་ནས་ཁོང་ཚོའི་ཐབས་རྩལ་དང་།གསར་གཏོད་ནུས་པ།འབད་བརྩོན་བཅས་མངོན་པར་བྱས་ཡོད།

༡༽བསྟན་འཛིན་རིན་ཆེན་སྔོན་འགྲོ་གོང་མ་ ༼རྒན་ཚེ་རིང་སྒྲོལ་མ་ལགས༽རི་མོ།(བོད་ཀྱི་འབྲི་གཡག་དང་བོད་ཀྱི་རང་བྱུང་མཛེས་ལྗོངས།)

༢༽ བསྟན་འཛིན་མཆོག་གསུམ་སྔོན་འགྲོ་འོག་མ་༼རྒན་བསྟན་འཛིན་ཆོས་ཉིད་ལགས༽རི་མོ། (བོད་ཀྱི་ཁང་པ་དང་རླུང་རྟ་བསངས་ཁུང།)

༣༽ བསྟན་འཛིན་བསལ་སྒྲོལ་ལོ་རིམ་གསུམ་པ།༼རྒན་བསྟན་འཛིན་ནོར་བུ་ལགས། (རི་མོ། ཕོ་བྲང་པོ་ཏ་ལ།)

༤༽བསྟན་འཛིན་འཛོམས་སྐྱིད་ལོ་རིམ་བཞི་པ༼རྒན་བསྟན་འཛིན་ཆོས་འཛོམས༽(༧གོང་ས་མཆོག་གི་སྣང་བརྙན།)

༥༽བསྟན་འཛིནཆོས་འཕེལ་ལོ་རིམ་བཞི་པ་༼རྒན་བསྟན་འཛིན་ཆོས་འཛོམས་ལགས༽ འདིར་གནོན་ནས་ཁོས་ཐུག་པ་བཟོ་བའི་བརྙན་ལ་གཟིགས་དང།

༦༽ཀུན་དགའ་ཚེ་དཔག་ལོ་རིམ་ལྔ་པ་ ༼ རྒན་ཐུབ་བསྟན་ལགས༽ (ལས་འཆར། ༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཛད་རྣམ།)

༧༽བསྟན་འཛིན་རྡོ་རྗེ།ལོ་རིམ་དྲུག་པ།༼རྒན་ཚེ་རིང་ཆོས་སྒྲོལ་ལགས༽(༧གོང་ས་མཆོག་གི་སྣང་བརྙན།)

ཚང་མ་རྣམ་གྲངས་འདིར་ཞུགས་པར་ཐུགས་རྗེ་ཆེ་ཞུ།།