༡ བོད་ཀྱི་སྐད་ཡིག་ཆུ་ཚད་གོང་མཐོར་གཏོང་རྒྱུ།
༢ རིག་གཞུང་གི་ཉམས་མྱོང་གཏིང་ཟབ་ཏུ་ཡོང་ཐབས་བྱ་རྒྱུ།
༣ བློ་སྟོབས་དང་། བྱམས་སྙིང་རྗེ། འབྱུང་ཁམས་བདེ་ཐང་ཡོང་ཐབས་བྱ་རྒྱུ།
ང་ཚོའི་དམ་བཅའ།
ང་ཚོས་ཕྲུ་གུ་ཕན་ཚུན་དབར་འབྲེལ་འདྲིས་དང་། དེ་བཞིན་དགེ་རྒན་དང་ཕ་མའི་མིག་དཔེ་བཟང་པོར་བརྟེན་ནས་རིག་གཞུང་གི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་འབད་བརྩོན་ཞུ་རྒྱུ་དང། ཕྲུ་གུ་རྣམས་ཀུན་སློང་བཟང་པོས་སློབ་གྲྭར་སློབ་སྦྱོང་ཆེད་དུ་ཡོང་བ་དང་སློབ་ཕྲུག་གཞན་ཚོའི་བདེ་ཐང་ལ་འང་གཞོགས་འདེགས་ཡོང་བའི་རེ་བ་ཞུ་བཞིན་ཡོད་པས། གཤམ་གསལ་དམ་བཅའི་དོན་ཚན་ལྔ་ལ་ཁས་ལེན་གནང་དགོས།
༡ ཕ་མ་དང་སློབ་ཕྲུག་ཕན་ཚུན་དབར་བོད་སྐད་བཤད་རྒྱུ་ཡིན།
༢ སློབ་ཕྲུག་ཕན་ཚུན་དབར་གུས་བརྩི་ཡོང་བ་བྱ་རྒྱུ་ཡིན།
༣ སློབ་ཕྲུག་ཚོས་དགེ་རྒན་དང་ལས་བྱེད་ཚོར་གསན་འཇོག་ཡོང་བ་བྱ་རྒྱུ་ཡིན།
༤ བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་འབད་བརྩོན་ཧུར་བསྐྱེད་ཡོང་བ་བྱ་རྒྱུ་ཡིན།
༥ སློབ་གྲྭ་དང་སློབ་གྲྭའི་ཉེ་འཁོར་རྣམས་གཙང་མར་ཉར་འཇོག་ཐུབ་པ་བྱ་རྒྱུ་ཡིན།