ཟློས་གར་གྱི་འཛིན་གྲྭའི་དམིགས་ཡུལ་ནི་ཟློས་གར་ལ་བྱང་ཆ་ཡོད་པའི་མཁས་པ་ཚོས་སློབ་འཁྲིད་གནང་རྒྱུ་དང། ཁོང་རྣམ་པར་བོད་གཞུང་ཟློས་གར་ཚོགས་པའི་སློབ་ཕྲུག་ཚོར་ཡུན་རིང་ཟློས་གར་སློབ་འཁྲིད་གནང་བའི་ཉམས་མྱོང་ཟབ་པོ་ཡོད། ཟློས་དགེ་ཚོས་སློབ་ཕྲུག་རྣམས་པའི་འཁྲབ་རྩལ་དང་བོད་གཞུང་སློབ་གྲྭ་ཁག་དང་ཟློས་གར་ཚོགས་པ་བཅས་ཀྱི་བསླབ་གཞིར་བརྟེན་ནས་གཞས་དང་ཞབས་བྲོའི་ལེ་ཚན་ཕྱོགས་སྒྲིག་ཞུ་རྒྱུ། སློབ་ཕྲུག་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་ཞབས་བྲོ་དང་རོལ་ཆར་སློབ་གཉེར་གྱིས་བོད་པའི་དུས་ཆེན་ཁག་གི་སྐབས་སུ་འཁྲབ་སྟོན་བྱ་རྒྱུ་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་དི་ཡིན།
ཟློས་གར་འཛིན་གྲྭའི་དམིགས་ཡུལ།
༡) བོད་མིའི་ཐུན་མོང་མ་ཡིན་པའི་གཞས་དང་ཞབས་བྲོ། ལྷ་མོའི་འཁྲབ་སྟོན་སོགས་ཤེས་རྟོགས་ཡོད་པ།
༢) བོད་ཀྱི་རོལ་བྱའི་རིགས་སྒྲ་སྙན་དང་། པི་ཝང་། ཡང་ཇུན། གླིང་བུ་སོགས་གཏོང་ཤེས་པ།
༣) ཆོལ་ཁ་གསུམ་གྱི་ཡུལ་ལུང་སོ་སོའི་ཆས་གོས་དང་། གཞས་སྣ་ངོས་འཛིན་ཐུབ་པ།
༤) གླུ་གཞས་དང་རོལ་བྱ་སོགས་མཛད་སྒོ་དང་མང་ཚོགས་སར་འཁྲབ་སྟོན་བྱེད་ཐུབ་པ།
ཟློས་གར་འཛིན་གྲྭའི་ཉིན་རེ་ཚོགས་དུས།
ཕྱི་དྲོའི་ཆུ་ཚོད་ ༡:༣༥ ནས་ ༢:༣༠ བར། | ཚོགས་དུས་དང་པོ། |
ཕྱི་དྲོའི་ཆུ་ཚོད་ ༢:༣༠ ནས་ ༢:༤༥ བར། | བར་སེང་། |
ཕྱི་དྲོའི་ཆུ་ཚོད་ ༢:༤༥ ནས་ ༣:༤༥ བར། | ཚོགས་དུས་གཉིས་པ། |
ཕྱི་དྲོའི་ཆུ་ཚོད་ ༣:༤༥ ནས་ ༤:༠༠ བར། | བར་སེང་། |
ཕྱི་དྲོའི་ཆུ་ཚོད་ ༤:༠༠ ནས་ ༥:༠༠ བར། | ཚོགས་དུས་གསུམ་པ། |