སྐད་ཡིག་འཛིན་གྲྭའི་དགེ་རྒན།
འཛིན་གྲ། | དགེ་རྒན། |
སྔོན་འགྲོ་འོག་མ། (ཀ) | རྒན་བསྟན་འཛིན་ཆོས་ཉིད་། |
སྔོན་འགྲོ་འོག་མ། (ཁ) | རྒན་དཔལ་ལྡན་དབང་མོ། |
སྔོན་འགྲོ་གོང་མ། (ཀ) | རྒན་ཚེ་རིང་སྒྲོལ་མ། |
སྔོན་འགྲོ་གོང་མ། (ཁ) | རྒན་ཚེ་རིང་མཚོ་མོ། |
འཛིན་གྲ་དང་པོ། (ཀ) | རྒན་བློ་བཟང་རྒྱལ་མཚན། |
འཛིན་གྲ་དང་པོ། (ཁ) | རྒན་བསྟན་འཛིན་ལྷུན་འགྲུབ། |
འཛིན་གྲ་གཉིས་པ། | རྒན་བསྟན་འཛིན་ནོར་བུ། |
འཛིན་གྲ་གསུམ་པ། (ཀ) | རྒན་ངག་དབང་ཆོས་དར། |
འཛིན་གྲ་གསུམ་པ། (ཁ) | རྒན་ནོར་བུ་དབང་འདུས། |
འཛིན་གྲ་བཞི་པ། | རྒན་བསྟན་འཛིན་ཆོས་འཛོམས། |
འཛིན་གྲ་ལྔ་པ། | རྒན་ཐུབ་བསྟན། |
འཛིན་གྲ་དྲུག་པ་དང་བདུན་པ་མཉམ་སྦྲེལ། | རྒན་ཚེ་རིང་ཆོས་སྒྲོན། |
ཟློས་གར་དགེ་རྒན།
དགེ་རྒན། |
རྒན་སྟོབས་རྒྱལ། |
རྒན་ཚེ་དབང་དོན་འགྲུབ། |
རྒན་ཚེ་རིང་རྡོ་རྗེ། |
རྒན་བློ་ཆོས། |
རྒན་དཔལ་ལྡན་དབང་མོ། |
རྒན་བསྟན་འཛིན་ཆོས་ཉིད། |
དགེ་རྒན་གྱི་ལས་འགན།
དགེ་རྒན་ཚོས་སློབ་སྤྱི་དང་ཤེས་ཡོན། རིག་གཞུང་འགན་འཛིན་བཇས་ཀྱི་ལམ་སྟོན་གཞིར་བཟུང་གཤམ་གསལ་ལས་འགན་རྣམས་ཁྱེར་དགོས།
༡) ཉིན་དེ་དང་དེའི་སློབ་ཚན་སློབ་འཁྲིད་ཆེད་དགོས་མཁོའི་སློབ་ཚན་འཆར་གཞི་དང་། སློབ་འཁྲིད་ཐབས་ལམ། ལས་འཆར་སོགས་སློབ་ཚན་གཞིར་བཟུང་སྔོན་ཚུད་ནས་གྲ་སྒྲིག་བྱ་དགོས།
༢) སློབ་འཁྲིད་ཡག་པོ་ཡོང་སླད་སྒྲ་འཛིན་འཁོར་ཐག་དང་། གློག་ཀླད་བེད་སྤྱོད། གཞན་ཡང་དྲི་བ་དྲིས་ལན་དང་གྲོས་བསྡུར་སོགས་ཐབས་ལམ་གང་འགེབ་བེད་སྤྱོད་བྱ་དགོས།
༣) བདུན་རེར་ནང་སྦྱོང་སྤྲད་པ་ཙམ་གྱིས་མི་ཆོག་པར་ནང་སྦྱོང་ཞིབ་འཇུག་ངེས་པར་བྱ་དགོས།
༤) གང་བསླབས་པ་རྣམས་ཤེས་ཡོད་མེད་རྟོག་ཞིབ་སླད་ཟླ་རེར་ཡིག་ཚད་དྲི་ཤོག་བཟོ་བ་དང། ཡིག་ཚད་བཏང་རྗེས་བཟོ་བཅོས་ངེས་པར་བྱ་དགོས།
༥) ཡིག་ཚད་ཀྱི་གྲུབ་འབྲས་བཟང་ངན་ཇི་ཡོད་དང་ཆབས་ཅིག་ཕྲུ་གུའི་ཀུན་སྤྱོད་སོགས་ཀྱི་སྐོར་དོ་བདག་ཕ་མ་ཚོ་དང་ཤེས་ཡོན་འགན་འཛིན་ལ་གོ་བསྡུར་བྱ་དགོས།
༦) སློབ་གྲྭའི་ཚོགས་འདུ་དང་། ཤེས་ཡོན་སྐོར་གྱི་ཚོགས་འདུ། གཞན་ཡང་དགེ་རྒན་གྱི་གཟབ་སྦྱོང་སོགས་ལ་མཉམ་ཞུགས་བྱ་དགོས།
༧) ཕྲུ་གུ་སོ་སོའི་ནུས་རྩལ་འདོན་སྤེལ་དང་། རང་ངོས་ནས་འབད་བརྩོན་བྱ་རྒྱུའི་གོམས་གཤིས་འཇགས་ཐབས་སུ་ལམ་སྟོན་དང་སློབ་གསོ་གང་ཐུབ་བྱ་དགོས།
༨) ད་ལྟ་འཛིན་གྲྭའི་ནང་དང་། མ་འོངས་པར་སྤྱི་ཚོགས་ནང་འགོ་འཁྲིད་ཀྱི་ནུས་འགན་ཆ་ཚང་ཁྱེར་ཐུབ་མཁན་གྱི་བོད་མི་བཟང་པོ་ཞིག་ཡོང་བའི་སེམས་ཤུགས་བསྐྱེད་ཐབས་ལ་འབད་བརྩོན་བྱ་དགོས།
༩) ཕྲུ་གུ་ཚོས་སོ་སོའི་ཕ་མ་དང་མཉམ་དུ་དོན་སྙིང་ལྡན་པའི་འབྲེལ་བ་མུ་མཐུད་གནས་ཐབས་སུ་འབད་བརྩོན་བྱ་དགོས།
༡༠) སློབ་ཕྲུག་འདི་རྣམས་མ་འོངས་པར་ཡ་རབས་སྤྱོད་བཟང་ཅན་གྱི་བོད་མི་མཚན་ཉིད་ཚང་བ་ཞིག་སྐྲུན་ཐབས་བྱ་དགོས།
༡༡) སློབ་ཕྲུག་དང་། ལས་བྱེད། ཕ་མ། དང་བླང་ཞབས་ཞུ་བ། གཞན་ཡང་སློབ་གྲྭ་དང་འབྲེལ་ཡོད་ཚང་མར་འབྲེལ་ལམ་ཡག་པོ་བྱ་དགོས།
༡༢) སློབ་ཕྲུག་ཚོས་ཡུལ་མིའི་ལས་འགན་ཤེས་ཤིང་། ལས་འགན་ཁྱེར་ཐུབ་མཁན་ཞིག་ཆགས་ཐུབ་པ་བཟོ་དགོས།