སློབ་འཇུག།

སློབ་དུས།

སྟོན་ཁའི་སློབ་དུས། རེས་གཟའ་ཉི་མ་འཆར་ཅན། ཕྱི་ཟླ་དགུ་པ་ནས་ལོ་རྗེས་མའི་ཕྱི་ཟླ་དང་པོ་སྟེ་ཟླ་ལྔའི་རིང་།

དཔྱིད་ཁའི་སློབ་དུས། རེས་གཟའ་ཉི་མ་འཆར་ཅན། ཕྱི་ཟླ་གཉིས་པ་ནསདྲུག་པ་སྟེ་ཟླ་ལྔའི་རིང་།

དེ་ཡང་སྔོན་འགྲོ་དམའ་རིམ་ནས་འཛིན་གྲྭ་བདུན་པའི་བར་་ཡོད།

སློབ་འཇུག་བྱ་རྒྱུའི་ལོ་གྲངས།  ལོ་འདིའི་ཕྱི་ཟླ་༨ ཚེས་༣༡ ལ་ཕྲུ་གུ་དེ་ལོ་ལྔ་ཟིན་དགོས།

སློབ་འཇུག་ཐོ་འགོད་གཤམ་གསལ་དྲྭ་ཐག་སྣོན་ཏེ་དེབ་སྐྱེལ་འགེངས་ཤོག་ཆ་ཚང་བཀང་དགོས།

སློབ་འཇུག་ཐོ་འགོད་དྲྭ་ཐག

སློབ་འཇུག་ཐོ་འགོད་དང་སློབ་ཡོན།

སློབ་གྲྭའི་ལས་དོན་གྱི་ཐོག་ཕ་མའི་ངོས་ནས་འགྲོ་གྲོན་ཆ་ཤས་ཙམ་གཏོང་སླད་སློབ་ཡོན་ཕྲན་ཙམ་ཞིག་བསྡུ་ཡི་ཡོད་ན།  ཕ་མ་ཚོས་དུས་ཚེས་སོ་སོའི་སློབ་ཡོན་སྔོན་ཚུད་ནས་འབུལ་དགོས།

སློབ་ཡོན་འབུལ་འབབ་གཤམ་གསལ་ལྟར་ཡིན།

གྲངས། ལས་དོན། ཚོགས་མི་ཚོར། ཚོགས་མི་མིན་པར།
བོད་ཀྱི་སྐད་ཡིག་འཛིན་གྲྭར་སློབ་དུས་རེར། སྒོར། ༡༢༠ སྒོར། ༡༥༠
ཟློས་གར་འཛིན་གྲྭར་སློབ་དུས་རེར། སྒོར། ༡༢༠ སྒོར། ༡༥༠
བོད་ཀྱི་སྐད་ཡིག་དང་ཟློས་གར་གཉིས་གར། སྒོར། ༢༤༠ སྒོར། ༣༠༠
སློབ་ཕྲུག་ཚོའི་ཉིན་དེབ། སྒོར། ༥ སྒོར། ༥

ཟུར་བརྗོད།

༡)       སློབ་འཇུག་ཐོ་འགོད་དུས་ཚེས་ཐ་མའི་རྗེས་སུ་སློབ་འཇུག་སྙན་ཞུར་ངོས་ལེན་མེད།

༢)      སློབ་ཕྲུག་གང་ཞིག་ནས་སློབ་ཡོན་ཕུལ་མེད་ཚེ་སློབ་གྲྭར་ཕེབས་མི་ཆོག །

༣)     ཊོ་རོན་ཊོར་ཉེ་ཆར་ཕེབས་པའི་ཕྲུ་གུ་ཚོ་ཐོ་འགོད་དུས་ཚེས་ཐ་མའི་རྗེས་སུ་ཡང་སློབ་འཇུག་གནང་ཆོག །