སློབ་ཕྲུག་གི་ལས་འགན།
༡) ཤེས་འདོད་ཀྱི་འདུན་པ་དང་བཅས་གྲ་སྒྲིག་ཆ་ཚང་བྱས་ཏེ་སློབ་གྲྭར་དུས་ཐོག་ཡོང་དགོས།
༢) རྒན་པ་ལ་གུས་ཞབས་དང་། གཞོན་པ་ལ་བྱམས་སྐྱོང་། ཕན་ཚུན་འཆམ་མཐུན་ཡོང་བ་བྱེད་དགོས།
༣) སློབ་གྲྭའི་སྒྲིག་ཁྲིམས་ལ་བརྩི་འཇོག་དང་། རང་འཁྲིའི་ལས་འགན་འཁྱེར་ཐུབ་པ་བྱེད་དགོས།
༤) སློབ་གྲྭའི་ནང་བོད་སྐད་ཁོ་ན་བེད་སྤྱོད་བྱེད་དགོས།
༥) ནང་ལས་སྤྲད་པ་རྣམས་དུས་ཐོག་བྱ་དགོས་པ་དང་། དགེ་རྒན་གྱི་བཀའ་གསུང་དང་ལེན་ཞུ་དགོས།
༦) འཛིན་གྲྭ་ཚོགས་པའི་སྐབས་སུ་གཡས་གཡོན་ལ་འཁྱམ་ནས་བསྡད་མི་ཆོག།
༧) སྤྱི་རྫས་ལ་བདག་གཅེས་བྱ་དགོས་པ་ལས་དོན་མེད་བཅག་མི་ཆོག།
༨) གད་སྙིགས་སོགས་གད་སྙིགས་བླུག་སྣོད་ནང་མ་གཏོགས་གང་སར་གབྱུག་མི་ཆོག།
འཛིན་གྲྭར་འབྱོར་ཐོ་དང་རྗེས་ལུས།
༡) སློབ་གྲྭར་དུས་ཐོག་ཆད་ལུས་མེད་པ་ཡོང་དགོས།
༢) གལ་སྲིད་ཆད་ལུས་སོགས་བྱུང་ན་ཉིན་དེའི་སློབ་ཚན་དང་ནང་སྦྱོང་སོགས་ཁ་སྐོང་ཐུབ་པ་བྱ་དགོས།
གྱོན་ཆས།
༡) སློབ་གྲྭར་ཡོང་དུས་གྱོན་ཆས་འདྲ་མ་ཆགས་པ་དེ་འདྲ་མ་ཡིན་པར་ཀུན་དང་མཐུན་པ་གྱོན་དགོས།
ཀུན་སྤྱོད་དང་གོམས་གཤིས།
༡) རང་གཞན་ཀུན་ལ་ཉེན་ཁ་ཡོད་པའི་ཅ་དངོས་རིགས་སློབ་གྲྭར་ཁྱེར་ཡོང་མི་ཆོག།
༢) སློབ་གྲྭར་ཡོད་པའི་དུས་སུ་གཞན་ལ་བརྙས་བཅོས་དང་འཕྲོག་བཅོམ། གང་བྱུང་ཚིག་ངན་བརྗོད་པ་སོགས་གཏན་ནས་བྱ་མི་ཆོག། གལ་ཏེ་དེ་རིགས་བྱུང་ན་དོ་བདག་ལ་འཕྲལ་མར་ཉེན་བརྡ་དང་ཕ་མར་བརྡ་ལན་བྱ་རྒྱུ་དང། ཉེན་བརྡ་དང་བརྡ་ལན་ཐེངས་གསུམ་བྱང་རྗེས་ཕྲུ་གུ་དེ་ཉིད་སློབ་གྲྭ་ནས་ཕྱིར་འཐེན་དགོས་པའི་བརྡ་ཁྱབ་གཏོང་རྒྱུ་ཡིན།
ཁ་པར་དང་འཕྲུལ་ཆས་རིགས།
༡) ཤེས་ཡོན་སྦྱོང་བརྡར་གྱི་ཁོར་ཡུག་ལེགས་པོ་ཞིག་ཡོང་ཆེད་འཛིན་གྲྭའི་ནང་དང། སློབ་གྲྭའི་ཉེ་འཁོར་དུ་ལག་ཐོག་ཁ་པར་དང་འཕྲུལ་ཆས་གཞན་དག་དཔེར་ན་ I-pad tablets སོགས་བེད་སྤྱོད་བྱེད་མི་ཆོག ཡིན་ནཡང་སློབ་སྦྱོང་དང་འབྲེལ་བ་ཡོད་ཚེ་འཕྲུལ་ཆས་དེ་རིགས་བེད་སྤྱོད་གཏོང་ཆོག་པ་ཡིན། དེ་བཞིན་སློབ་ཕྲུག་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱིས་འཛིན་གྲྭའི་བར་གསེང་སྐབས་རང་གི་ཕ་མར་འབྲེལ་གཏུགས་ཆེད་ལག་ཐོག་ཁ་པར་བེད་སྤྱོད་གཏོང་ཆོག