དམའ་རིམ་འཛིན་གྲྭའི་སྐབས་དམིགས་ཡུལ་གཙོ་བོ་ནི་བོད་སྐད་ཤད་སྟངས་དང། བོད་ཡིག་ཀློག་སྟངས་ཀྱི་གཞི་རྐང་བརྟན་པོ་ཞིག་བཙུགས་ཏེ་བྱིས་པ་ཚོའི་སྐད་ཡིག་གི་གནས་ཚད་གོང་མཐོར་གཏོང་རྒྱུ་དང། བསླབ་གཞི་ནི་རྒྱ་གར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཟའ་མཇུག་འཛིན་གྲྭའི་ཆེད་དུ་གཏན་ལ་ཕབ་པའི་སློབ་དེབ་དང་།བྱིས་པའི་སློབ་གསོའི་སེམས་ཁམས་དང་ཁོང་ཚོའི་ལོ་ཚད་དང་མཐུན་པའི་གསར་གཏོད་རང་བཞིན་ཅན་གྱི་བྱ་བཞག་དཔེར་ན་རྩེད་མོ་དང་། འཁྲབ་སྟོན། དཔེ་ཀློག སྒྲུང་། དེ་བཞིན་ལས་གཞི་ “བོད་ངེད་ཚོའི་ཕ་ཡུལ།” ཞེས་པའི་ལམ་ནས་སློབ་འཁྲིད་བྱེད་རྒྱུ། དེ་ཡང་སློབ་ཕྲུག་རྣམས་དགའ་ཚོར་དང་བཅས་ཏེ་སློབ་སྦྱོང་ལ་ཞུགས་པ་ད། ཕན་ཚུན་གཅིག་གིས་གཅིག་ལ་བྱམས་སྐྱོང་དང་གུས་བརྩི་ཡོད་པ་མ་ཟད། མི་གཞན་ལའང་དེ་ལྟར་ཡོང་ཐུབ་པ་བྱ་རྒྱུ་དེ་ཡིན།
བོད་ཀྱི་སྐད་ཡིག་འཛིན་གྲྭའི་དམིགས་ཡུལ་ནི། སློབ་ཕྲུག་ཚོས་
༡) བོད་སྐད་ཡག་པོ་རྒྱག་ཤེས་པ།
༢) འཛིན་གྲྭའི་གནས་ཚད་དང་འཚམས་པ་འབྲི་ཀློག་དང་ནང་དོན་རྟོགས་ཐུབ་པ།
༣) བོད་ཀྱི་རྒྱལ་རབས་དང་ནང་ཆོས། ཡུལ་གོམས་གཤིས་ལུགས་སོགས་བོད་མི་བྱིངས་ཀྱི་ཤེས་ཚད་ཙམ་ཤེས་རྟོགས་ཡོད་པ།
༤) བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་ཡོད་པ་སོགས་བོད་མིའི་ཐུན་མོང་མ་ཡིན་པའི་གཤིས་ལུགས་བཟང་པོ་རྣམས་རྒྱུན་འཇགས་ཡོང་ཐབས།
བོད་ཀྱི་སྐད་ཡིག་འཛིན་གྲྭའི་ཉིན་རེ་ཚོགས་དུས།
སྔ་དྲོའི་ཆུ་ཚོད་ ༡༠:༠༠ ནས་ཕྱི་དྲོའི་ཆུ་ཚོད་ ༡:༠༠ བར།
སྔ་དྲོའི་ཆུ་ཚོད་ ༡༠:༠༠ |
སློབ་ཕྲུག་ཚོའི་འཛོམས་རྒྱུའི་དུས་ཚོད། |
སྔ་དྲོའི་ཆུ་ཚོད་ ༡༠:༠༥ ནས་ ༡༠:༥༠ བར། |
ཞལ་འདོན་དང་སྒོམ། |
སྔ་དྲོའི་ཆུ་ཚོད་ ༡༠:༥༥ ནས་ ༡༡:༥༠ བར། |
ཤོད་རྩལ་དང་ཉན་རྩལ་གྱི་འཛིན་གྲྭ། |
སྔ་དྲོའི་ཆུ་ཚོད་ ༡༡:༥༠ ནས་ ༡༢:༠༥ བར། |
བར་སེང་། |
ཕྱི་དྲོའི་ཆུ་ཚོད་ ༡༢:༣༥ ནས་ ༡:༣༠ བར། |
ཀློག་རྩལ་དང་འབྲི་རྩལ་གྱི་འཛིན་གྲྭ། |