July 25, 2024
Seniors Excursion Program by TCCC July 17, 2024
བརྩེ་བའི་ཚོགས་མི་རྣམ་པ། ང་ཚོས་སྤྲོ་སེམས་འཁོལ་བའི་ངང་ནས་གཟའ་ལྷག་པའི་ཉིན་ཏེ། ཟླ་བ་བདུན་པའི་ཚེས་བཅུ་བདུན་ཉིན། ང་ཚོའི་རྒན་གྲས་རྣམས་གནས་ཡུལ་གསར་པ་ཞིག་ལ་སྐོར་འཆམ་ལ་འགྲོ་རྒྱུ་ཡིན་པ་གསལ་བསྒྲགས་བྱེད་ཀྱི་ཡོད། དེ་ནི་ཨེ་ཌི་ཝར་ཌི་ལྡུམ་ར་ཡིན། ང་ཚོས་བོད་མི་རྒན་གྲས་རྣམས་སྤྲོ་སྐྱིད་ལྡན་པའི་ཉིན་གཅིག་གི་ཆེད་དུ་གདན་འདྲེན་ཞུ་རྒྱུ་ཡིན། ཉིན་དེར་སྤྲོ་སྐྱིད་ལྡན་པའི་བྱ་འགུལ་དང་། ཞིམ་མངར་ལྡན་པའི་ཟ་མ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བཅས་ལ་རོལ་རྒྱུ་ཡིན། ཁྱེད་ཚོས་ད་དུང་ཐོ་འགོད་བྱས་མེད་ན། གཤམ་གྱི་ཁ་བྱང་འདི་ལ་ཁ་པར་གཏོང་རོགས། 647-703-2307 The TCCC youth interns will be celebrating our seniors in collaboration with Ninteen59; where we will take them
July 25, 2024
Choekhor Duechen – 4th day of the 6th month in Tibetan Lunar Calendar (July 9, 2024)
༄༅། བོད་ཟླ་ ༦ ཚེས ༤ ཉིན་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་མཛད་པའི་དུས་ཆེན་ཁྱད་པར་ཅན་ཡིན་བ་དགོངས་མངའ་བཞིན། དུས་སྟོན་སྲུང་བརྩི་དང་བསྟུན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌ཆོས་བརྒྱུད་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཡོངས་ཀྱི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། བསྟན་འགྲོར་སྨན་པའི་རླབས་ཆེན་མཛད་འཕྲིན་རྒྱས་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་ཅིང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་ཆེད་མཆོད་འབུལ་སྨོན་ལམ་དང་གསོལ་ཚོགས་འབུལ་རྒྱུ་ཡིན། ཟླ་ཚེས། ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༩ རེས་གཟའ་མིག་དམར་། དུས་ཚོད་། ཕྱི་དྲོ་ཕྱག་ཚོད་༣ ནས་ ༦ ཚོགས་ཡུལ། གངས་ལྗོངས་ཆོས་ལྡན་གླིང་མཆོད་ཁང་། ཨོན་ཊ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་དང་རྒྱུན་ལས་ནས། 4th day of the 6th month
July 25, 2024
༄༄།། སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་མཆོག་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི།
His Holiness The 14th Dalai Lama’s 89th Birthday Celebration. Saturday, July 06, 2024.        
October 18, 2023
Celebrating the 16th Anniversary of the US Congressional Gold Medal conferment to His Holiness The Dalai Lama
༄༅་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གཞུང་གིས་ཆེ་བསྟོད་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་བཅུ་དྲུག་འཁོར་བའི་དུས་ཆེན་གྱི་སྲུང་བརྩི་སྐབས་སྐུ་མགྲོན་གཙོ་བོ་ཨོན་ཊ་རི་ཡོའི་མངའ་སྡེ་གྲོས་ཚོགས་མཐུས་མི་བུ་འཁྲིད་ལ་དཀར་པོ་ཆེ་དང། ས་གནས་སུ་ཡོད་པའི་ཨ་རིའི་གཞུང་ཚབ་ལས་བྱེད་སྐུ་ཞབས་རེས་མི་བེལར་གཙོས་པའི་གཞུང་ཞབས་ཁག་གསུམ་གྱི་ཡོད། མཛད་སྒོ་ནི་ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡༠ ཕྱི་ཚེས་ ༢༡ རེ་གཟའ་སྤེན་པ། ཞོག་པ་ཕྱག་ཚོད་ ༡༡ ཐོག་དབུ་ཚུགས་གནང་གྱི་ཡོད། Join us on Saturday October 21st, 2023