March 11, 2014
Tibetan Canadian Cultural Centre is deeply saddened to learn about the tragic incident that took place early Sunday morning. We would like to express our heartfelt condolences and offer our support
March 10, 2014
༄༅། སྐྱབས་གནས་ཆོས་རྒྱུད་དགོན་སྡེ་ཁག་གི་བླ་སྤྲུལ་དང་འཕགས་པའི་དགེ་འདུན་མི་མང་བཅས་ཀྱི་སྙན་ལམ་དུ་ཞུ་རྒྱུར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ནང་པའི་སྐྱེ་ཆེན་བླ་སྤྲུལ་གང་ན་སུ་བཞུགས་ པ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ལྷུན་གྱི་འགྲུབ་པ། བོད་ནང་དུ་བོད་བསྟན་སྲིད་དོན་དུ་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སོང་བའི་ རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་གཞིས་ལུས་བོད་མི་དཀའ་སྡུག་ལ་གདུང་སེམས་ མཉམ་སྐྱེད་མཚོན་ཆེད་དང། རང་རེའི་རིག་གཞུང་བལྟི་གནས་སམ་ས་གནས་བོད་རིགས་སྤྱི་ལ་དག་པའི་སྤྱི་ ཁང་འདི་བཞིན་བགེགས་མེད་མུ་མཐུད་བྱ་བ་ལམ་འགྲོ་ཡོང་བ་དང་བོད་རིགས་སྤྱི་དང་ བྱེད་དྲག་ནས་བསོད་ནམས་གསོག་སླད། གངས་ལྗོངས་ཆོས་ལྡན་གླིང་དུ་སྔར་ལོ་བཞིན་༧རྒྱལ་བའི་བཀའ་འགྱུར་རིནཔོ་ཆེ་དག་ སྒྲོགས་གནང་རྒྱུ་ཡིན་པ་དང་ཆབས་གཅིག་༧མགོན་པོ་གང་གི་ཆོས་ལུགས་རིས་མེད་ཐོག་བླ་ མེད་བཀའ་སློབ་ལམ་སྟོན་སྔ་ཕྱི་ཕེབས་པ་བཞིན་འདི་ལོ ཡང་ནང་པའི་བཀའ་འགྱུར་དག་ སྒྲོགས་ཞུས་མཚམས་བོན་གྱི་བཀའ་འགྱུར་ཡང་ཞལ་འབྱེད་གནང་རྒྱུ། ༢༠༡༤ ཟླ་བ་ ༣ ཚེས་ ༡༢བོད་ཟླ་༢ ཚེས་༡༡ ༧སྐུའི་བླ་གཟའ་རེས་གཟའ་ལྷག་པ་ཉིན་དབུ་འཛུགས་ཀྱི་ཉིན་ལྟར་ཉིན་གྲངས་ ༡༨ ནས་༢༠ རིང།
March 2, 2014
February 12, 2014
གངས་ལྗོངས་ཆོས་ལྡན་གླིང་གིས་ནང་ཆོས་འཛིན་གྲྭའི་གསལ་བསྒྲགས། གངས་ལྗོངས་ཆོས་ལྡན་གླིང་གིས་རེས་གཟའ་སྤེན་པ་དང་ཉི་མའི་ནང་ཆོས་འཛིན་གྲྭ་མུ་མཐུད་ཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་ཞུ་རྒྱུ་ལགས་ན། ནང་ཆོས་སློབ་སྟོན་པ་དགེ་བཤེས་ལྷ་རམ་པ་ཐུབ་བསྟན་བསམ་སྒྲུབ་ལགས་རྒྱ་གར་ཕེབས་སྐབས་ཁོང་གི་ཚབ་ཏུ་དགེ་བཤེས་ལྷ་རམ་པ་དགེ་འདུན་དོན་སྒྲུབ་ལགས་ནས་སློབ་འཁྲིད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དགེ་བཤེས་ལྷ་རམ་པ་ཐུབ་བསྟན་བསམ་སྒྲུབ་ལགས་རྒྱ་གར་ནས་ཚུར་ཕེབས་སྒྲུབ་ལགས་ན་གཤམ་གསལ་ཁྲིད་གཞུང་ཐོག་སློབ་འཕྲིད་གནང་རྒྱུ་ཡིན་ཞེས་དགེ་བཤེས་ལགས་གསུང་ངོ་། །།




