March 19, 2023
དེ་རིང་གངས་ལྗོངས་ཆོས་ལྡན་གླིང་གི་གཟའ་ཉི་མའི་སློབ་གྲྭ་འཚོགས་པ་དང་བསྟུན་ནས་དཔའ་བོ་དོན་འགྲུབ་དབང་ཆེན་ལགས་ཆེད་དུ་གདན་འདྲེན་ཞུས་པ་དང་། དཔའ་བོ་དོན་འགྲུབ་དབང་ཆེན་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་གལ་གནད་སྐོར་ནས་བཀའ་སློབ་དང་འཛིན་གྲྭ་ཁག་ལ་གཟིགས་སྐོར། དེ་བཞིན་ཕ་མའི་ཚོགས་ཆུང་དང་སློབ་ཕྲུག་གཞོན་ནུ་ཚོགས་ཆུང་། དགེ་རྒན་རྣམ་པ་ནས་ཁ་བཏགས་བསྒྲོན་པ་དང་སྐུ་པར་ལྷན་དུ་བཏབ་པ་སོགས་མཛད་རིམ་ཧ་ཅང་ཡག་པོ་བྱུང་སོང་བས། འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
Pawo Dhondup Wangchen la, visited TCCC Sunday school and warmly welcomed by Teachers, TCCC Student Council, TCCC Youth committee and Parents on Sunday, March 12, 2023.
March 19, 2023
Deputy speaker of Ontario legislative assembly Bhutila Karpoche  Welcomed  Mr. Dhondup wangchen la
ཁེ་ན་ཌ་ས་གནས་ཚོགས་པ་ཆེ་ཁག་ལྔས་དཔའ་བོ་དོན་འགྲུབ་དབང་ཆེན་ལགས་ཁེ་ན་ཌ་རུ་གདན་ཞུས་དང་སྟབས་བསྟུན་ནས། དེ་རིང་མངའ་སྡེའི་གྲོས་ཚོགས་འཐུས་མི་བུ་ཁྲིད་ལགས་དཀར་པོ་ཆེས་དཔའ་བོ་དོན་འགྲུབ་དབང་ཆེན་གྲོས་ཚོགས་ནང་དུ་གདན་ཞུས་དང་
March 19, 2023
རྒྱལ་གཅེས་དཔའ་བོ་དོན་འགྲུབ་དབང་ཆེན་ལགས་ཁེ་ན་ཌ་ཚོགས་པ་ལྔས་གདན་འདྲེན་ཞུས་པ་བཞིན་འཆར་ཉེའི་གསུམ་བཅུ་དུས་དྲན་གྱི་སྐུ་མགྲོན་ཆེད་དུ་ཁྲོ་རོན་ཁྲོ་ལ་ཕེབས་འབྱོར་ཟིན་པ་དང་། དེ་རིང་སྤྱི་ཚེས་ ༨ ཉིན་ཚོགས་པ་ལྔས་གོ་སྒྲིག་འོག་ཁོང་གི་བཟོ་བསྐྲུན་ཞུས་པའི་གློག་བརྙན་འཇིགས་བྲལ་མི་མང་ལ་གཟིགས་འབུལ་ཞུས། མ་ཟད་ཁོང་གི་གཏམ་བཤད་གནང་བ་དང་མི་མང་ལྷན་དུ་དྲི་བ་དྲི་ལན་བྱས། དེ་བཞིན་ཚོགས་པ་ལྔའི་ངོས་ནས་ཆེ་བསྟོད་གཟེངས་རྟགས་དང་ཕྱག་རྟགས། མི་མང་ནས་ཞལ་འདེབས་ཕུལ་བ་སོགས་མཛད་སྒོ་གྲ་རྒྱས་ཕུན་ཚོགས་དང་བཀྲིས་བདེ་ལེགས་བྱུང་བའོ།།
March 18, 2023
ཨོན་ཊེ་རི་ཡོ་ས་གནས་བོད་རིགས་འོས་བསྡུ་ཚོགས་ཆུང་གི་གསལ་བསྒྲགས། CTAO /TCCC President and Board Member Nomination
ཨོན་ཊེ་རི་ཡོ་ས་གནས་བོད་རིགས་འོས་བསྡུ་ཚོགས་ཆུང་གི་གསལ་བསྒྲགས།   ས་གནས་བོད་རིགས་མི་མང་རྣམ་པ་ལྷན་རྒྱས་ལ་དྲན་བསྐུལ་དང་བརྡ་ལན་འབུལ་རྒྱུ་ཞིག་ལ།  ཕྱི་ལོ་༢༠༢༣ཕྱི་ཟླ་༧ ས་༣༡ཉིན་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དང་།  ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ད་ལྟའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱི་ལས་དུས་རྫོགས་ལ་ཉེ་བར་བརྟེན།    འདི་ག་ས་གནས་འོས་བསྡུ་ཚོགས་ཆུང་ནས་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ཐེངས་༢༥ པ་དང་།  གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་གཙོ་དང་རྒྱུན་ལས་ཐེངས་ ༡༢ པའི་འོས་དམིགས་ཐོ་འགོད་ཞུ་རྒྱུའི་ལས་རིམ་དེ་བཞིན་ཕྱི་ལོ་༢༠༢༣ ཕྱི་ཟླ་༣ ཚེས་༡ ཉིན་འགོ་འཛུགས་ཞུ་རྒྱུ་ཡིན།  འོས་དམིགས་འདེམས་སྒྲུག་གནང་རྒྱུ་དང་།   དངོས་གཞིའི་འོས་ཤོག་འཕེན་རྒྱུའི་ཆ་རྐྱེན་ནི་དོ་བདག་སོ་སོས་བོད་མིའི་དཔྱ་ཁྲལ་ལག་དེབ་དང་།   གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་མིའི་ལག་འཁྱེར་ཡོད་པ་གང་ཞིག་ཚོགས་དངུལ་ཆད་མེད་འབུལ་མཁན་ཞིག་ངེས་པར་དུ་ཡིན་དགོས།    ཚོགས་གཙོ་དང་རྒྱུན་ལས་འོས་མི་འདེམས་སྒྲུག་གནང་རྒྱུའི་དུས་ཡུན།   ཕྱི་ལོ་༢༠༢༣ ཕྱི་ཟླ་༣ཚེས་༡ ནས་ཕྱི་ཟླ་༥ ཚེས་༢༢ བར།  བོད་རིགས་མི་མང་ལྷན་རྒྱས་ལ་ཕྱི་ལོ་༢༠༢༣ཕྱི་ཟླ་༣ཚེས་༡ནས་ཕྱི་ཟླ་༥ ཚེས་༢༢ བར་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱི་འོས་མི་འདེམས་སྒྲུག་གནང་རྒྱུའི་གོ་སྐབས་ཡོད།  འོས་དམིགས་འགེངས་ཤོག་རྣམས་དྲ་རྒྱའི་ཁ་བྱང་ www.tcccgc.org ཐོག་ནས་བཞེས་རྒྱུ་ཡོད་།འགེངས་ཤོག་ནང་བཀོད་པའི་དོན་གནད་རྣམས་ཆད་ལུས་མེད་པར་ལེགས་པར་བཀང་སྟེ་ཁ་བྱང་[email protected] ཐོག་གློག་འཕྲིན་གཏོང་གནང་ཡོང་བ་དང་། ཡང་ན། གངས་ལྗོངས་ཆོས་ལྡན་གླིང་གི་ཡིག་ཚང་ནང་དུ་ཏུ་བཞག་པའི་འོས་སྒམ་ནང་བླུག་རོགས་གནང། གང་ཟག་སུ་འདྲ་ཞིག་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྗན་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་གཙོ་དང་རྒྱུན་ལས་འོས་མིར་འདེམས་སྒྲུག་མ་གནང་གོང་། གང་ཟག་དེ་ས་དམིགས་དེར་ཞུགས་ཏེ་ཕྱག་ལས་གནང་གི་ཡིན་པའི་ངོས་ལེན་ཡོད་ཚུལ་སྐོར་འོས་དམིགས་འགེངས་ཤོག་ནང་གསལ་པོ་བཀོད་དགོས། གལ་ཏེ་ཚོགས་གཙོ་དང་རྒྱུན་ལས་འོས་མི་འདེམས་སྒྲུག་བྱས་པའི་གང་ཟག་དེས་ངོས་ལེན་ཡོད་ཚུལ་གསལ་པོ་བཀོད་མེད་ཚེ་འོས་མི་དེ་རྩིས་མེད་གཏོང་རྒྱུ་ཡིན།    དངོས་གཞི་འོས་ཤོག་འཕེན་རྒྱུའི་དུས་ཚེས་ནི།  ཕྱི་ལོ་༢༠༢༣ཕྱི་ཟླ་༧ཚེས་༨ ས་གཟའ་སྤེན་པ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཡིན་པ་བཅས་ཨོན་ཌེ་རི་ཡོ་ས་གནས་བོད་རིགས་འོས་བསྡུ་ཚོགས་ཆུང་ནས་༢༠༢༣ ཟླ་ ༢ ཚེས་ ༢༥ ཉིན་ཕུལ།  CTAO /TCCC President and Board Member Nomination
December 18, 2022
Celebration of the 33rd Anniversary of Nobel Peace Awarded to His Holiness the 14th Dalai Lama
ཁེ་ན་ཌ་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་དེ་རིང་ཕྱི་ཟླ་བཅུ་པའི་ཚེས་༡༠ཉིན་ལྷ་བཅས་སྲིད་ཞིའི་གཙུན་རྒྱན་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ཧྲིལ་པོ་༣༣འཁོར་བའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གནང་སྐབས་ཀྱི་འདྲ་པར་ཁག།