Approval of TCCC Auditor For Fiscal Year (Aug 1, 2024- July 31, 2025)
Dear Community Members,
At the Tibetan Canadian Cultural Centre’s Annual General Meeting held on Sunday, June 22, 2025, the community members approved, by majority vote, to change our organizational audit firm from Oasis LLP to a new audit firm for the fiscal year from August 1, 2024, to July 31, 2025.
Accordingly, our Board contacted multiple audit firms and received three quotations. After careful review, the Board recommends appointing Hennick Herman LLP as TCCC’s auditor for the 2024–2025 financial year based on the following reasons:
a) Over 20 years of prior experience auditing not-for-profit and charitable organizations
b) Familiarity with TCCC’s financials, as Hennick Herman has previously worked as an auditor for TCCC
c) Competitive pricing, which is approximately $1,000 cheaper than our former auditor, Oasis LLP
Given the urgency to complete the 2025 fiscal year audit for TCCC, we kindly request that our community members cast their vote (link below) and indicate whether they approve of Hennick Herman LLP as our auditor by December 30, 2025.
Please click the link below to participate:
ONLINE VOTING BY TCCC MEMBERS TO APPROVE AUDITOR FOR THE FISCAL YEAR 2024-2025 – Fill out form
President and Board of Directors
Tibetan Canadian Cultural Centre
གངས་ལྗོངས་ཆོས་ལྡན་གླིང་གི་ཕྱི་ལོ་ ༢༠༢༤།༢༥ ལོའི་རྩིས་ཞིབ་བསྐོ་གཞག
༢༠༢༥ ཕྱི་ཟླ་ ༦ ཚེས་ ༢༢ གཟའ་ཉི་མའི་ཉིན་གངས་ལྗོངས་ཆོས་ལྡན་གླིང་ (TCCC) གི་ལོ་འཁོར་ཚོགས་ཆེན་ཐོག་ཚོགས་མི་གི་མང་མོས་གཞིར་བཟུང་། ༢༠༢༤ ཕྱི་ཟླ་ ༨ ཚེས་ ༡ ནས་ ༢༠༢༥ ཕྱི་ཟླ་ ༧ ཚེས་ ༣༡ བར་གྱི་རྩིས་ལོའི་རྩིས་ཞིབ་ཆེད་རྩིས་ཞིབ་ཁང་ Oasis LLP ནས་རྩིས་ཞིབ་ཁང་གསར་པ་ཞིག་ལ་བརྗེ་སྒྱུར་བྱ་རྒྱུའི་ཐག་གཅོད་བྱུང་ཡོད།
དེ་དོན་ལྟར་རྒྱུན་ལས་ཚོགས་ནས་རྩིས་ཞིབ་ཁང་དུ་མར་འབྲེལ་བ་བྱས་པ་བརྒྱུད། རྩིས་ཞིབ་ཁང་གསུམ་ནས་རིན་གོང་གསལ་བཤད་འབྱོར་ཡོད། དེ་དག་ལ་ཞིབ་འཇུག་ནན་ཏན་བྱས་རྗེས། རྒྱུན་ལས་ལྷན་ཚོགས་ནས་གཤམ་གསལ་རྒྱུ་མཚན་ཁག་ལ་བརྟེན་ནས་ Hennick Herman, LLP འདི་བཞིན་ ༢༠༢༤-༢༠༢༥ ལོའི་རྩིས་ཞིབ་པར་བསྐོ་གཞག་བྱ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད།
རྒྱུ་མཚན་ཁག་ནི།
ཀ༽ ཁེ་མེད་ཚོགས་པ་དང་གཞུང་འབྲེལ་མ་ཡིན་པ་ཁག་ལ་རྩིས་ཞིབ་གནང་བའི་ལོ་ངོ་ ༢༠ ལྷག་གི་ཉམས་མྱོང་ཡོད་པ།
ཁ༽ སྔོན་མ་གངས་ལྗོངས་ཆོས་ལྡན་གླིང་ (TCCC)གི་རྩིས་ཞིབ་པ་གནང་མྱོང་ཡོད་པས་རྩིས་ཁྲར་རྒྱུས་མངའ་ཡོད་པ།
ག༽ རིན་གོང་འཚམས་པོ་ཡོད་པ་སྟེ། སྔོན་མའི་རྩིས་ཞིབ་ཁང་ Oasis LLP ལས་ཨ་སྒོར་ ༡༠༠༠ ཙམ་གྱིས་དམའ་བ་ཡོད་པ།
གངས་ལྗོངས་ཆོས་ལྡན་གླིང་གི་ ༢༠༢༥ ལོའི་རྩིས་ཞིབ་ལས་དོན་མྱུར་དུ་ལེགས་གྲུབ་བྱེད་དགོས་པར་བརྟེན། ས་གནས་མི་མང་རྣམ་པས་ ༢༠༢༥ ཕྱི་ཟླ་ ༡༢ ཚེས་ ༣༠ མ་ཟིན་གོང་དྲ་ཐོག་བརྒྱུད་ Hennick Herman LLP འདི་བཞིན་རྩིས་ཞིབ་དུ་བསྐོ་གཞག་བྱ་རྒྱུར་མོས་མཐུན་གྱི་འོས་ཤོག་འཕེན་རོགས་གནང་ཞེས་རེ་སྐུལ་ཞུ་བཞིན་ཡོད།
གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་གཙོ་དང་རྒྱུན་ལས་ནས།
ONLINE VOTING BY TCCC MEMBERS TO APPROVE AUDITOR FOR THE FISCAL YEAR 2024-2025 – Fill out form




